1 Pad ma rig 'dzin

Note: For full length video, see <a href="https://archive.org/details/OralAmdo" rel="nofollow">archive.org/details/OralAmdo</a>
Written and read by Pad+ma rig ‘dzin (b. 1990) of Yo lag Village, Mdo ba Township, Reb gong County, Rma lho Tibetan Autonomous Prefecture, Mtsho sngon Province, PR China.

DAILY A MDO TIBETAN

O1: ཁྱོས་ཁ་ལག་ཁྱུས།

L1: ཁྱོད་ཀྱིས་ཁ་ངོ་ཁྲུས་ཤིག

Please, wash your face.

O2: ཁྱོས་སྐྱ་ཕྲོགས་ཝ་ཐོངས།

L2: ཁྱོད་ཀྱིས་སྐྲ་གཞོར་ཅིག

Please, cut your hair.

O3: མོའི་སྣ་ལུག་ཐ།

L3: མོ་ཡི་སྣབས་དྲུད་འདུག

Her nose is running.

O4: འོན་སྐྱག་ག་གང་ང་འགྱོ་རྒྱུས་ནང་།

L4: འོན་པ་གན་གང་ལ་འགྲོའམ།

Where is the deaf person going?

O5: ངའི་སྐོང་ང་ཆེ།

L5: ངའི་རྐང་པ་ཆེ།

My feet are big.

O6: ཁོའི་ཨ་ཀྱད་ཆུང་སོང་གཟིག

L6: ཁོ་ཡི་ལྷམ་ཆུང་འདུག

His shoes are small.

O7: ཁྱོ་ཁབ་སྲུ་སྐྱེས་ཡོད་ཀ

L7: ཁྱོད་ལ་ཁ་སྤུ་སྐྱེས་འདུག

Your mustache has grown.

O8: ངའི་མྱིག་ཁུའུ་ཝི།

L8: ངའི་མིག་ན་གི།

My eyes are sore.

O9: ཁྱོའི་སོ་ཁུའུ་ནོ་ཨི་དྲག་གི།

L9: ཁྱོད་ཀྱི་སོ་ན་བ་ཇི་འདྲ་འདུག་གམ།

How is your toothache?

O10: ཁྱོའི་མགོ་ན་ཞིག་ཨི་ཡོད།

L10: ཁྱོད་ཀྱི་སྐྲ་ནང་ན་ཤིག་ཡོད་དམ།

Are there lice in your hair?