Apartments སྤྱི་གཞིས།

Vocabulary ཐ་སྙད།

[a] looking for an apartment སྤྱི་གཞིས་ཤིག་འཚོལ་བཞིན་པ།

[b] can afford to (I can afford to pay ten dollars for a new watch.) སྤྲོད་ཐུབ་པ། ཉོ་ཐུབ་པ།

[c] close to his job (He lives in an apartment close to his job.)ཁོ་རང་གི་ལས་གནས་དང་ཁ་ཐག་ཉེ་བ།

[d] patio (They like to eat on the patio in summer.) བསྲོ་སྟེགས།༼ཁོ་ཚོས་དབྱར་གྱི་དུས་སུ་བསྲོ་སྟེགས་སྟེང་དུ་ཟ་མ་ཟ་བར་ཧ་ཅང་དགའ་བོ་ཡོད།༽

[e] look in the newspaper (I will look in the newspaper advertisements for an apartment.) ཚགས་པར་སྟེང་ནས་བཙལ་བ།༼ངས་ཚགས་པར་གྱི་དྲིལ་བསྒྲགས་རྒྱུད་ནས་སྤྱི་གཞིས་ཤིག་འཚོལ་རྩིས་ཡོད།༽

[f] look on the Internet དྲ་རྒྱ་ལས་འཚོལ་བ།

[g] compare prices (I will compare prices and then buy what is cheapest and the best quality.) རིན་གོང་བསྡུར་བ།༼ངས་རིན་གོང་ལ་བཞུགས་ནས། གང་བཟང་གང་སླ་དེ་ཉོ་རྒྱུ་ཡིན།༽

[h] good deal (I got a good deal on the car I bought—it was cheap and good quality.) ཉོ་ཚོང་ལེགས་པོ།༼ངས་ཉོས་པའི་རླངས་འཁོར་དེ་རིན་གོང་བདེ་ཞིང་སྤུས་ཚད་ལེགས་པས། དེ་ནི་ཉོ་ཚོང་དགའ་ཞིག་ཡིན།༽

Text སློབ་ཚན།

(1) Dorji and his wife, Tsomo, are looking for an apartment in an American city. རྡོ་རྗེ་དང་ཁོའི་ཆུང་མ་མཚོ་མོ་གཉིས་ཀྱིས་ཨ་མེ་རུ་ཀའི་གྲོང་ཁྱེར་ཞིག་ཏུ་སྤྱི་གཞིས་ཤིག་འཚོལ་བཞིན་ཡོད།

(2) They both work and can afford to pay $1,050 a month for rent. ཁོང་གཉིས་ཀྱིས་ལས་ཀ་བྱེད་ཀྱིན་ཡོད་པས། ཟླ་གཅིག་ལ་ཁང་བའི་གླ་ཆ་ཨ་སྒོར་༡༠༥༠སྤྲོད་ཐུབ།

(3) Dorji wants an apartment close to his job. རྡོ་རྗེ་ཡིས་རང་གི་ལས་གནས་དང་ཁ་ཐག་ཉེ་སར་སྤྱི་གཞིས་ཤིག་འཚོལ་ན་འདོད།

(4) Tsomo wants a large kitchen and a patio. མཚོ་མོས་ཇ་ཁང་དང་བསྲོ་སྟེགས་ཆེན་པོ་ཅན་ཞིག་བཙལ་ན་བསམ།

(5) Their two children each want their own bedrooms. བྱིས་པ་གཉིས་ཀས་རང་རང་ལ་དབང་བའི་ཁང་བ་རེ་བསམ་གྱིན་ཡོད།

(6) This weekend, Dorji and Tsomo are going to look in the newspaper and on the Internet to find a three-bedroom apartment. གཟའ་མཇུག་འདིར། རྡོ་རྗེ་དང་མཚོ་མོ་གཉིས་ཀྱིས་ཚགས་པར་དང་དྲ་རྒྱ་རྒྱུད་ནས་མལ་ཁང་གསུམ་ཡོད་པའི་སྤྱི་གཞིས་ཤིག་བཙལ་རྩིས་ཡོད།

(7) They are going to compare prices and find a good deal. Everyone is excited. ཁོ་ཚོས་རིན་གོང་བསྡུར་ནས་ཉོ་ཚོང་བཟང་བོ་ཞིག་བཙལ་རྩིས་བྱས་པས། ཁོ་ཚོ་ཚང་མ་སྤྲོ་དགས་ཁེངས་ཡོད།

(8) They are going to move to a new place and meet new people. ཁོ་ཚོ་ས་གནས་གསར་བ་ཞིག་ཏུ་སྤར་རྩིས་དང་།མི་སྣ་གསར་བ་དག་ལ་ཐུགས་རྩིས་ཡོད།

Write answers to these questions.དྲི་བ་འདི་དག་ལ་ལན་འབྲི་དགོས།

1 Who are Dorji and Tsomo? རྡོ་རྗེ་དང་མཚོ་མོ་ནི་སུ་རེད།

2 What are they looking for? ཁོ་ཚོས་ཅི་ཞིག་འཚོལ་བཞིན་ཡོད།

3 How much can they afford to pay? ཁོ་ཚོས་སྒོར་མོ་དུ་སྤྲོད་ཐུབ་བམ།

4 What does Dorji want? རྡོ་རྗེ་ཡིས་ཅི་ཞིག་འདོད་ཀྱིན་ཡོད།

5 What does Tsomo want? མཚོ་མོས་ཅི་ཞིག་འདོད་ཀྱིན་ཡོད།

6 How many children do Dorji and Tsomo have? རྡོ་རྗེ་དང་མཚོ་མོ་གཉིས་ལ་བྱིས་པ་ག་ཚོད་ཡོད།

7 What do the children want? བྱིས་པ་གཉིས་ཀྱིས་ཅི་ཞིག་འདོད་བཞིན་ཡོད།

8 What are Dorji and Tsomo going to do this weekend? གཟའ་མཇུག་འདིར་རྡོ་རྗེ་དང་མཚོ་མོ་གཉིས་ཀས་ཅི་ཞིག་བྱེད་རྩིས་ཡོད།

9 Where are they going to look? ཁོ་གཉིས་གང་ལ་བལྟ་རུ་འགྲོ་རྩིས་ཡོད།

10 What will they compare? ཁོ་ཚོས་ཅི་ཞིག་བསྡུར་རྩིས་ཡོད།

11 Who are excited? སུའི་སེམས་པ་སྤྲོ་བས་ཁེངས་འདུག

12 Where will they move? ཁོ་ཚོ་གནས་གང་ལ་སྤར་རྩིས་ཡོད།

13 Who will they meet? ཁོ་ཚོ་སུ་ལ་ཐུག་རྒྱུ་རེད།

The Tibetan version of this text was prepared by G.yang skyabs rdo rje

སློབ་ཚན་འདི་བོད་ཡིག་ཏུ་བསྒྱུར་མཁན་ནི་མགོ་མང་གཡང་སྐྱབས་རྡོ་རྗེ་ཡིན།