Birthday Cakes སྐྱེས་སྐར་སྤྲིར་གོར། Birthday cakes are served on a person’s birthday. The cake is decorated with the words 'Happy Birthday' and the person’s name. It is a tradition to put one candle for each year that the birthday person is celebrating. For example, if a child is turning eight years old, the cake will have eight candles. After the candles are lit, family members and friends sing 'Happy Birthday'. The person celebrating their birthday makes a wish and blows out the candles. If they blow out all the candles in one breath, their wish will come true.

སྐྱེས་སྐར་སྤྲིར་གོར་ནི་མི་ཞིག་གི་སྐྱེས་སྐར་གྱི་ཉིན་མོར་ཕུལ་བ་ཡིན་ལ། སྐྱེས་སྐར་སྤྲིར་གོར་དེ་སྐྱེས་སྐར་རྟེན་འབྲེལ་ཞུ་ཚིག་དང་སྐྱེས་སྐར་རོལ་བའི་མི་སྣ་དེའི་མིང་གཉིས་ཀྱིས་སྤྲས་ཤིང་། སྲོལ་རྒྱུན་ལྟར་དུ་ཞགས་སྒྲོན་རེས་ལོ་རེའི་སྐྱེས་སྐར་གྱི་དགའ་སྟོན་རྟེན་འབྲེལ་མཚོན་པ་དང་། དཔེར་ན། གལ་ཏེ་བྱིས་པ་དེ་བརྒྱད་ལ་འབུད་འགྱུར་ཡིན་ན། ཞགས་སྒྲོན་ཡང་བརྒྱད་སྒྲོན་དགོས། ཞགས་སྒྲོན་སྒྲོན་རྗེས་ཁྱིམ་མི་ཚོ་དང་གྲོགས་པོ་དག་གིས་སྐྱེས་སྐར་རྟེན་འབྲེལ་ཞུ་གླུ་ལེན་པ་ཡིན། སྐྱེས་སྐར་རོལ་མཁན་དེས་སྨོན་ལམ་ཞིག་བཏབ་རྗེས་ཞགས་སྒྲོན་ལ་ཕུ་བཏབ་ནས་གཟིམ་དགོས་ཤིང་། གལ་ཏེ་དབུགས་ཐེངས་གཅིག་གིས་ཡོད་ཚད་གཟིམས་ན་མི་དེའི་ཕུགས་བསམ་མཐའ་དག་མངོན་འགྱུར་བྱེད་ཐུབ།


Vocabulary [vəu'kæbjuləri] ཐ་སྙད།

birthday ['bə:θdei] སྐྱེས་སྐར།

birthday cake['bə:θdei keik] སྐྱེས་སྐར་སྤྲི་གོར།

served [sə:vd] (We served liquor on our grandfather's eightieth birthday party.) འབུལ་བ། ཕུལ་བ།༼ང་ཚོས་སྤོ་བོའི་དགོང་ལོ་བརྒྱད་ཅུའི་སྐྱེས་སྐར་སྤྲོ་ཚོགས་སུ་གསོལ་ཆང་དྲངས་པ་ཡིན།༽

decorated ['dekəreitid] མཛེས་རྒྱན་སྤྲས་པ།

tradition [trə'diʃən] སྲོལ་རྒྱུན།

candle ['kændl] པྲ་སྒྲོན། ཞགས་སྒྲོན།

celebrating ['selibreitiŋ] དགའ་སྟོན་རྟེན་འབྲེལ་ལ་རོལ་བ།

for example [fɔ:,iɡ'zɑ:mpl]དཔེར་བཞག་ན།

turning [tə:niŋ] (becoming) འགྱུར་བ།

lit [lit]སྒྲོན་པ།

make a wish[meik,ei wiʃ ] སྨོན་ལམ་འདེབས་པ།

blows out[bləus aut]ཕུ་བཏབ་པ།

one breath [wʌn breθ] དབུགས་གཏོང་ལེན་ཞིག

wish will come true[wiʃ wil kʌm tru:]རེ་སྨོན་མངོན་འགྱུར།



Write answers to the questions below. གཤམ་གྱི་དྲི་བ་འདི་དག་ལ་ལན་འབྲི་དགོས།

1 When is your birthday? ཁྱེད་ཀྱི་སྐྱེས་སྐར་ནི་ག་དུསཡིན།

2 Tell me about a birthday party you went to. ཁྱེད་ཞུགས་མྱོང་བའི་སྐྱེས་སྐར་སྤྲོ་ཚོགས་ཤིག་གི་བརྒྱུད་རིམ་ཤོད།

3 Can you sing 'Happy Birthday'? ཁྱེད་ཀྱིས་༼སྐྱེས་སྐར་ལ་རྟེན་འབྲེལ་ཞུ་༽ཞེས་པའི་གླུ་དེ་ལེན་ཐུབ་བམ།

4 How much does a birthday cake cost?སྐྱེས་སྐར་སྤྲིར་གོར་ཞིག་གི་རིན་གོང་ག་ཚོད་ཡིན།

5 Do you like to eat birthday cakes? Why or why not?ཁྱེད་སྐྱེས་སྐར་སྤྲིར་གོར་ཟ་བར་དགའ་འམ། ཅིའི་ཕྱིར་དགའ་འམ། འོ་ན་ཅིའི་ཕྱིར་མི་དགའ།

6 Are birthdays important to you? Why or why not? ཁྱེད་ལ་མཚོན་ན་སྐྱེས་སྐར་འགངས་ཆེན་ཡིན་ནམ། ཅིའི་ཕྱིར།


The Tibetan version of this text was prepared by G.yang skyabs rdo rje

སློབ་ཚན་འདི་བོད་ཡིག་ཏུ་བསྒྱུར་མཁན་ནི་མགོ་མང་གཡང་སྐྱབས་རྡོ་རྗེ་ཡིན།