Colds ཆམ་ནད།

Zhaxi has a cold. His nose is stuffed up. Zhaxi coughs a lot and he has a sore throat. He felt fine last night, but now he is very sick. Zhaxi wants to go home and rest, but he can’t. He is an accountant and he needs to transfer money to each of the employees bank accounts. If he does not do this, they will not get paid on time. Zhaxi’s boss went on a business trip to Shanghai. He won’t be back until next week. Before he left, he asked Zhaxi to take care of the office. There are twenty office workers. They are all very busy. Hopefully, they won’t catch Zhaxi’s cold. If the employees catch colds, they might take several days off work.

བཀྲ་ཤིས་ལ་ཆམ་ནད་ཅིག་ཕོག་འདུག། ཁོའི་སྣ་འཚུབ་ཅིང་ལན་མང་ལ་གློ་ལུ་བྱེད་པ་དང་མིད་པ་འང་ན་གྱིན་ཡོད། མདང་དགོང་ཁོ་རང་ཤིན་ཏུ་བདེ་ཐང་ཡིན་མོད་། འོན་ཀྱང་ད་ལྟ་ཁོ་བོ་ན་བཞིན་འདུག་པས། བཀྲ་ཤིས་རང་ཡུལ་དུ་ལོག་ནས་ངལ་གསོས་ན་འདོད། ཡིན་ན་ཡང་ཁོ་རང་ནི་རྩིས་གཉེར་བ་ཞིག་ཡིན་སྟབས། ལས་མི་དག་གི་དངུལ་བྱང་དུ་ཕོགས་དངུལ་སྐུར་དགོས་ལ། གལ་ཏེ་ཁོས་དེ་ལྟར་མ་བསྒྲུབས་ན་ལས་མི་དག་གི་གླ་ཕོགས་དུས་ལྟར་ མི་འབྱོར་ལ། བཀྲ་ཤིས་ཀྱི་འགོ་གཙོ་འམ་སྦྱིན་བདག་ཀྱང་ཧྲང་ཧེ་ལ་ཚོང་དོན་དུ་བུད་སོང་། ཁོ་གཟའ་འཁོར་རྗེས་མའི་བར་དུ་ཕྱིར་མི་ཐོན། ཁོ་མ་སོང་སྔོན་ལ་གཞུང་སྒྲུབ་ཁང་གི་དོན་དག་ཡོད་ཚད་བཀྲ་ཤིས་ལ་བཀལ་བ་དང་། ལས་ཁུངས་སུ་མི་ཉི་ཤུ་ཡོད་པ་དང་ཁོ་ཚོ་བྱ་བར་བྲེལ་འཚུབ་ཧ་ཅང་ཆེ། ཁོ་ཚོས་བཀྲ་ཤིས་ཀྱི་ཆམ་པ་དེ་རང་ལ་མ་འགོས་ན་སྙམ་བཞིན་མཆིས། གལ་ཏེ་ལས་མི་དག་ལ་འགོས་སོང་ན་། ཁོ་ཚོ་ལས་བཤོལ་བྱས་ནས་ཉིན་འགའ་ལ་ངལ་གསོ་དགོས་པས་སོ།།

True or False འགྲིག་མིན་བརྡར་ཤ་གཅོད་པ།

1. Zhaxi is sick.

2. All twenty office workers are busy.

3. Zhaxi’s boss is on vacation.

4. An accountant needs to be good at math.

5. Employees get paid.

Yes or No – Share your opinion. ཁྱེད་ཀྱི་བསམ་ཚུལ་འདོན་པ།

1. Zhaxi should stay at work.

2. Zhaxi should go home immediately and eat chicken soup.

3. The employees should avoid touching their nose, eyes, and mouth.

4. Zhaxi should cover his mouth when he coughs.

5. It’s okay if the employees get paid late.

Writing – What do you do when you have a cold? འབྲི་བྱ་སྦྱོང་བརྡར། ཁྱེད་ལ་ཆམ་ནད་ཕོག་དུས་ཁྱེད་ཀྱིས་ཅི་ཞིག་བྱས་པ་ཡིན།

 1. I have a bad cold. ང་ལ་ཆམ་པ་ལྗིད་མོ་ཞིག་ཕོག་འདུག

 2. My nose is stuffed up. ངའི་སྣ་འཚུབ་ཡོད།

 3. I cough a lot. ང་ཐེངས་མང་བོ་ལུས་པ་ཡིན།

 4. I have a sore thorat. ངའི་མིད་པ་འང་ན་བཞིན་ཡོད།

 5. I felt fine yesterday. ཁ་སང་ང་ཤིན་ཏུ་བདེ་ཐང་ཡིན་མོད།

 6. Now, I'm very sick. ད་ལྟ་ན་བཞིན་ཡོད།

 7. accountant རྩིས་གཉེར་བ།

 8. transfer money to each employee's bank account (I will go to the bank and transfer one thousand RMB to your account.) ལས་བཟོ་བའི་དངུལ་བྱང་དུ་གླ་ཕོགས་སྐུར་བ། ༼ང་དངུལ་ཁང་དུ་སོང་ནས་ཁྱེད་ཀྱི་དངུལ་བྱང་དུ་མི་དམངས་ཤོག་སྒོར་སྟོང་གཅིག་སྐུར་རྩིས་ཡོད།༽

 9. If he does not do this, they will not get paid on time. (If you don't tell me, I will not know. If you don't come, I'll be sad.) གལ་ཏེ་ཁོས་དེ་ལྟར་མ་བསྒྲུབས་ན་ལས་མི་དག་ལ་གླ་ཕོགས་དུས་ལྟར་འབྱོར་མི་ཐུབ།༼གལ་ཏེ་ཁྱེད་ཀྱིས་ང་ལ་དེ་ལྟར་མ་བཤད་ན། ངས་ཤེས་སྲིད་ཀྱི་མ་རེད། གལ་ཏེ་ཁྱེད་མ་ཡོང་ན། ངའི་སེམས་སྡུག་རྒྱུ་རེད།༽

 10. to go on a business trip(He went on a business trip to Lhasa.) ཚོང་ལས་ལྟ་སྐོར་དུ་ཕྱིན་པ།༼ཁོ་ལྷ་སར་ཚོང་ལས་ལྟ་སྐོར་དུ་ཕྱིན་སོང་།༽

 11. won’t be back until (He is studying in the UK and won't be back in China for two years.)….བར་དུ་ཕྱིར་མི་ཐོན་པ། ༼ཁོ་རང་གིས་དབྱིན་ཇི་ན་སློབ་སྦྱོང་བྱེད་བཞིན་ཡོད་པས་། ལོ་གཉིས་མ་འདས་ན་ཕྱིར་ཡོང་ཐུབ་རྒྱུ་མ་རེད།༽

 12. before he left (Before my mother went shopping, she told me to clean the house.) ཁོ་མ་སོང་ཡར་སྔོན་དུ།༼ངའི་ཨ་མ་ཉོ་སྒྲུབ་བྱེད་དུ་མ་སོང་ཡར་སྔོན་ལ། མོས་ང་ལ་ཁང་བར་གཙང་སྦྲ་བྱོས་ཞེས་བཤད།༽

 13. hopefully (Hopefully, you will never get sick. Hopefully, you will learn English really well.) རེ་བའི་ངང་ནས། ༼རེ་བ་ཡིན་ན། ཁྱེད་གཏན་ནས་ན་རྒྱུ་མེད་ན་བསམ། རེ་བ་ཡིན་ན། ཁྱེད་ཀྱིས་དབྱིན་ཡིག་ཧ་ཅང་ལེགས་པོ་ཞིག་སྦྱང་ན་བསམ།༽

 14. to catch a cold(Wear warm clothes so you won't catch a cold.) ཆམ་ནད་ཕོག་པ། ༼གོམ་པ་མཐུག་པོ་གོན་ན།ཆམ་ནད་ཕོག་མི་སྲིད།༽

 15. take several days off (He took several days off work because he was ill. She took several days off from her studies when her mother was very ill.) ཉིན་འགའ་ལ་ངལ་གསོ་བ།༼ཁོ་ན་བའི་དབང་གིས་ཉིན་འགའ་ལ་ངལ་གསོས་པ་ཡིན། མོའི་ཨ་མ་ན་དུས་མོའི་སློབ་སྦྱོང་བྱེད་མཚམས་ཉིན་འགར་བཞག་པ་ཡིན།༽

 16. vacation གནང་བ། དགུན་གནང་ངམ་དབྱར་གནང་།

 17. good at (He is good at shooting arrows. She is good at sewing.) …ཕྱོགས་ལ་ཕུལ་ཏུ་བྱུང་།༼ཁོ་མདའ་འཕེན་པར་ཧ་ཅང་མཁས། མོ་ཚེམ་བཟོ་ཐད་ལ་ཕུལ་ཏུ་བྱུང་།༽

 18. chicken soup (I like mutton soup better than chicken soup.) བྱ་ཤའི་ཁུ་བ། སེམས་གསོ་བདུད་རྩི། ༼ང་བྱ་ཤའི་ཁུ་བ་འཐུང་རྒྱུ་ལས་ལུག་ཤའི་ཁུ་འཐུང་རྒྱུར་དགའ།༽

 19. share your opinion (Should men stay at home and take care of children – share your opinion.) ཁྱེད་ཀྱི་བསམ་ཚུལ་འདོན་པ།༼སྐྱེས་པ་རྣམས་ཡུལ་དུ་བསྡད་ནས་བྱིས་པ་སྙོར་དགོས་སམ། ཁྱེད་ཀྱི་བསམ་ཚུལ་ཐོན་དང་།༽

 20. avoid touching(Avoid touching things that are very hot. You should avoid touching dirty things.) རེག་མི་ཉན་པ་དང་འཛེམ་དགོས་པའི་དངོས་པོ།༼རེག་མི་ཉན་པའི་དངོས་རྫས་དག་ནི་དྲོད་ཚད་ཧ་ཅང་ཚ་བའི་དངོས་པོ་དག་ཡིན། ཁྱེད་རང་གད་སྙིགས་སམ་མི་གཙང་བའི་རྫས་ལ་འཛེམ་དགོས།༽

 21. cover your mouth (Cover your mouth when you cough. Cover your mouth when you yawn.) ཁྱེད་ཀྱི་ཁ་ལག་པས་ཁོབས་དང་།༼ཁྱེད་རང་ལུ་དུས་ཁ་ལག་པས་ཁོབས་དང་། ཁྱེད་ཀྱིས་གླལ་བ་བྱེད་དུས་ཁ་ལག་པས་ཁོབས་དང་།༽

 22. it's okay if (It's okay if you come late. It's okay if you visit me and stay for some days.)…བྱས་ན་འགྲིག་པའམ་ཆོག་པ།།༼ཁྱེད་རང་ཡོང་རྒྱུར་འཕྱིས་ན། དེ་འང་ཆོག། གལ་ཏེ་ཁྱེད་རང་ངར་ལྟ་རུ་ཡོང་སྟེ་ཉིན་འགར་བསྡད་ན་འགྲིག་གི།༽

 23. get paid (I want to get paid on the first day of each month.)གླ་ཕོགས་ལེན་པ་། གླ་ཕོགས་ལག་ཏུ་ཐོབ་པ།

The Tibetan version of this text was prepared by G.yang skyabs rdo rje.

‍‍སློབ་ཚན་འདི་བོད་ཡིག་ཏུ་བསྒྱུར་མཁན་ནི་མགོ་མང་གཡང་སྐྱབས་རྡོ་རྗེ་ཡིན།