Donkey_Butter_jpg.png

Donkey Butter བོང་མར།

A King had lots of money. He made people give him butter every year. If they did not pay, then he would hurt them. People did not like the King.

One day Uncle Dunba walked to the King’s house. He hit his son there. The King saw him. He asked, “Why are you hitting your son?”

Uncle Dunba said, “My son hit my donkey. My donkey died. Now I can’t give you butter.”

The King said, “You give me donkey butter?”

Uncle Dunba said, “Yes, I give you donkey butter.”

The King made Uncle Donba go to the room where the King put butter. The King said, “Do you know which butter is donkey butter?”

“Yes, I know which butter is donkey butter,” Uncle Donba said.

The King said, “ I do not eat donkey butter. Please take your donkey butter out of my room.”

སྔོན་རྒྱལ་བོ་ཞིག་ལ་སྒོར་མོ་ཧ་ཅང་མང་། ཁོས་འབངས་མི་ཚོར་ལོ་རེ་བཞིན་མར་ཁྱེར་ནས་ཡོང་ཏུ་བཅུག གལ་ཏེ་ཁོ་ཚོས་ཁྱེར་མ་ཡོང་ན་ཁོ་ཚོར་གནོད་པ་གཏོང་རྩིས་བྱས་པས། འབངས་མི་ཚོ་རྒྱལ་བོ་དེ་ལ་གཏན་ནས་དགའ་བོ་མི་འདུག

ཉིན་ཞིག་ལ་ཨ་ཁུ་སྟོན་པ་རྒྱལ་བོ་དེའི་ཁྱིམ་ལ་སོང་ནས། ཁོས་རང་གི་བུ་ལ་བརྡུང་དུས། རྒྱལ་བོས་མཐོང་ནས་༼ཁྱེད་ཀྱིས་ཅིའི་ཕྱིར་རང་གི་བུ་ལ་རྡུང་རྡེག་བྱེད་བཞིན་ཡོད་༽ཅེས་དྲིས།

ཨ་ཁུ་སྟོན་པས་བཤད་རྒྱུར་༼ངའི་བུས་བོང་བུ་ལ་གཅར་རྡུང་བྱས་མཐར་། བོང་བུ་ཤི་སོང་། དེ་བས་ངས་ཁྱེད་ལ་མར་ལོ་འབུལ་ཐབས་མི་འདུག༽ཟེར།

རྒྱལ་བོས་༼ཁྱོད་ཀྱིས་ང་ལ་བོང་མར་བྱིན་པ་ཡིན་ནམ་༽ཞེས་དྲིས།

ཨ་ཁུ་སྟོན་པས་༼ཡིན་ལགས། ངས་ཁྱེད་ལ་བོང་མར་འབུལ་ནི་ཡིན་༽ཞེས་ལན་བཏབ།

རྒྱལ་བོས་ཨ་ཁུ་སྟོན་པ་ཁྲིད་ནས་ཁོའི་མར་འཇོག་སའི་ཁང་བར་སོང་ནས༼ཁྱོད་ཀྱིས་བོང་མར་གང་ཡིན་པ་ཤེས་སམ།༽ཞེས་དྲིས།

༼ངས་བོང་མར་གང་ཡིན་པ་ཤེས་ལགས།༽ཞེས་བཤད།

རྒྱལ་བོས་༼ངས་བོང་མར་མི་ཟ། ཁྱེད་ཀྱི་བོང་མར་ངའི་ཁང་བ་ལས་ཕྱིར་ཁྱེར་དང་།༽ཟེར།

ཨ་ཁུ་སྟོན་པ་དགའ་བ་འབུམ་གྱིས་མྱོས་ཏེ་མར་གང་བཟང་གང་ལེགས་དེ་ཁྱེར་ནས་ཡུལ་ལ་ལོག་གོ །

Vocabularyཐ་སྙད།

king རྒྱལ་བོ།

made བཟོས་པ།

money སྒོར་མོ། དངུལ་ལོ།

butter མར།

did not like མི་དགའ་བ།

hurt རྨས་པ། གནོད་པ།

hit རྡུང་བ།

can’t མི་ཐུབ་པ། མི་ཆོག་པ།

which གང་ཞིག

do not eat མི་ཟ་བ།

take འཁྱེར་བ།

pick up འཐུ་བ།

best ཆེས་བཟང་བ། གང་བཟང་གང་ལེགས།

Put these statements in the correct order and write the name of who said them in the spaces.

ཚིག་གྲུབ་འདི་དག་གི་གོ་རིམ་ཡང་དག་ཏུ་བསྒྲིགས་ནས་སྐད་ཆ་དེ་དག་སུས་བཤད་པ་སྟོང་ཆར་སྐོངས།

a. ( ) __ “My son hit my donkey.”

b. ( ) __ “Why are you hitting your son?”

c. ( ) __ “ Yes, I give you donkey butter.”

d. ( ) __ “I do not eat donkey butter.”

e. ( ) __ “My donkey died.”

f. ( ) __ “Yes, I know which butter is donkey butter.”

g. ( ) __ “Please take your donkey butter out of my room.”

h. ( ) __ “You give me donkey butter?”

i. ( ) __ “Now I can’t give you butter.”

True or False: Read the sentence and decide if it is true or false.

གཤམ་གྱི་ཚིག་གྲུབ་དག་བཀླགས་ནས་འགྲིག་མི་བརྡར་ཤ་གཅོད་དགོས།

a. The King ate donkey butter. T/F

b. Uncle Donba hit his donkey. T/F

c. Uncle Donba hit his son. T/F

d. The King gave Uncle Donba butter. T/F

e. Uncle Donba went to the King’s house. T/F

f. People liked the King. T/F

g. The King made people give him butter. T/F

Write answers to these questions. དྲི་བ་འདི་དག་ལ་དྲིས་ལན་ཕྲིས།

1. Who had a lot of money?

2. Do you have a lot of money?

3. What did the king make people give him every year?

4. Why did people not like the king?

5. Who hit the king's son?

6. Where was Uncle Dunba when he hit the king's son?

7. What did the king ask Uncle Dunba?

8. What was Uncle Dunba's answer?

9. Why was Uncle Donba very happy?

10. Do you like butter? Why?

11. When do you eat butter?

Simplified English text by Rose Hyson.

དབྱིན་ཡིག་གི་སློབ་ཚན་འདི་ཟོར་ཡང་བར་བཟོ་མཁན་ནིRose Hysonདང་།

The Tibetan version of this text was prepared by G.yang skyabs rdo rje.

‍‍སློབ་ཚན་འདི་བོད་ཡིག་ཏུ་བསྒྱུར་མཁན་ནི་མགོ་མང་གཡང་སྐྱབས་རྡོ་རྗེ་ཡིན།