by པད་མ་དབང་ཆེན། Bad ma dbang chen (Waldo)


See this link for the videos

https://archive.org/details/WaldosStoryGhostsWithExercisesElementaryLevel






GHOSTS

Lha mo is ten years old. Her family has six people. She likes to listen to folktales. Her grandmother tells her stories at night. She can tell many stories now. She tells stories to her classmates at school.

One night, Lha mo asks her grandmother, "Tell me a story about ghosts?"

"You will be scared if I tell you a ghost story," her grandmother says.

"I have you. I am not afraid. Please tell me one?" Lha mo begs.

"Ghost stories are dangerous. When we tell a ghost story, a ghost may come near us," the grandmother says.

"Where is the ghost?" Lha mo asks.

"We cannot see him. Ghosts live in the air," the grandmother says.

"I don't believe there is a ghost in the air," Lha mo says.

"OK. Ghosts are like people. Some are bad and some are good. I will tell you a kind ghost's story. A young ghost is flying in the air. He feels lonely and wants to find a friend. He sees some children running in a yard. He flies down and tries to play with them. He is invisible. Children see him when he enters a child. The ghost needs a body. Then he can speak and play with others. He enters a child's body. All the children cry and run away. The ghost understands that he hurts the child. He leaves the child and flies away. He never comes back to earth," the grandmother tells Lha mo.

"Well, what about bad ghosts?" Lha mo asks.

"They were unhappy when they were alive. They died and became ghosts. These ghosts always scold their family members. These ghosts think their family did not give them a good life. They want to know the reasons. They come near their family. They enter a family member's body. They ask why. People call them bad ghosts." the grandmother says.

I am less afraid of ghosts. I think they are not dangerous.

I tell my playmates. They are also less afraid of ghosts.

འདྲེ།

ལྷ་མོ་ལོ་ན་བཅུ་ལ་སོན་ཡོད་པ་དང་མོའི་ཁྱིམ་ཚང་ལ་མི་དྲུག་ཡོད། ཁོ་མོ་གནའ་གཏམ་ལ་ཉན་རྒྱུར་ཧ་ཅང་དགའ། རྨོ་མོས་མཚན་མོར་ཁོ་མོ་ ལ་གནའ་གཏམ་བཤད་བཞིན་ཡོད། ད་ལྟ་ལྷ་མོས་སྒྲུང་གཏམ་མང་པོ་བཤད་ཤེས། མོས་སློབ་གྲྭའི་ནང་དུ་སློབ་གྲོགས་ཚོར་སྒྲུང་གཏམ་བཤད་བཞིན་ཡོད།

ཉིན་ཞིག་གི་མཚན་མོར། ལྷ་མོས་རྨོ་མོ་ལ་ང་ལ་འདྲེ་ཡི་སྐོར་གྱི་གནའ་གཏམ་ཞིག་བརྗོད་རོགས་ཞེས་རེ་བ་ཞུས།

རྨོ་མོས་འདྲེ་གཏམ་བཤད་ན་ཁྱོད་རང་སྐྲག་འགྲོ་ཞེས་ལབ།

ང་ལ་ཁྱོད་ཡོད་པས་སྐྲག་དགོས་དོན་ཡེ་ནས་མི་འདུག གཅིག་བཤད་ཀྱང་ཆོག་ཞེས་ཞུ་བ་བྱས།

འདྲེ་གཏམ་ཚང་མ་འཇིགས་སུ་རུང་ཞིག་ཡིན། ང་ཚོས་འདྲེ་གཏམ་བརྗོད་སྐབས་འདྲེ་ཞིག་ང་ཚོའི་གམ་དུ་སླེབས་ཡོང་ཞེས་རྨོ་མོས་ལན་བཏབ།

ལྷ་མོས་འདྲེ་གང་ན་ཡོད་ཞེས་དྲིས།

རྨོ་མོས་འདྲེ་ཁ་དབུགས་ཀྱི་ནང་དུ་ཡོད། ང་ཚོའི་མིག་གིས་མཐོང་མི་ཐུབ་ཞེས་བཤད།

ཁ་དབུགས་ཀྱི་ནང་དུ་འདྲེ་ཡོད་མི་སྲིད། ང་ལ་ཡིད་ཆེས་ཅུང་ཙམ་ཡང་མེད་ཞེས་ལན་ལྡོག

རྨོ་མོས་བཤད་རྒྱུར། ཆོག་གི འདྲེ་དང་མི་གཅིག་མཚུངས་རེད། འདྲེ་ལ་ལ་ངན་པ་ཡིན་ལ་ཁ་ཤས་ལ་བྱམས་བརྩེ་ལྡན། ངས་ཁྱོད་ལ་འདྲེ་བཟང་ བོ་ཞིག་གི་སྒྲུང་གཏམ་ཞིག་བཤད། འདྲེ་ལོ་ཆུང་ཞིག་མཁའ་དབྱིངས་སུ་འཕུར་བཞིན་ཡོད། ཁོས་ཁེར་རྐྱང་གི་ཚོར་བ་དེ་མ་བཟོད་པར་གྲོགས་པོ་ཞིག་ བཙའ་འདོད་སྐྱེས། ཁོས་བྱིས་པ་འགའ་ར་སྐོར་ནང་དུ་རྩེད་བཞིན་པ་མཐོང། ཁོ་རང་ས་ལ་བབས་པ་དང་བྱིས་པ་དེ་ཚོ་དང་མཉམ་དུ་རྩེད་གྲབས་བྱས། འདྲེ་གཟུགས་མེད་ཡིན། ཁོ་རང་བྱིས་པ་ཞིག་གི་ལུས་ཕུང་དུ་འཛུལ་ན་མི་གཞན་གྱིས་མཐོང་ཐུབ་པ་དང་སྐད་ཆ་བཤད་ཐུབ། ཁོ་ད་གཟོད་བྱིས་པ་ཚོ་ དང་མཉམ་ཏུ་རྩེད་ཐུབ། དེ་ནས་ཁོ་བྱིས་པ་ཞིག་གི་ལུས་ཕུང་དུ་འཛུལ། བྱིས་པ་གཞན་དག་ཚང་མ་ངུ་འབོད་བྱེད་ཞོར་བྲོས་སོང་། འདྲེ་དེས་རང་ཉིད་ ཀྱིས་བྱིས་པ་ཚོར་གནོད་སྐྱེལ་བ་རྟོགས་རྗེས་ས་ཆ་དེ་དང་གཏན་ཏུ་གྱེས་སོང་།

དེ་ན་འདྲེ་ངན་པ་ཚང་མ་ག་འདྲ་རེད་ཞེས་ལྷ་མོས་ཡང་བསྐྱར་དྲིས།

རྨོ་མོས་འདང་ཞིག་བརྒྱབ་རྗེས་འདི་ལྟར་ལན་བཏབ། ཁོ་ཚོ་གསོན་ཡོད་དུས་འཚོ་བ་སྐྱིད་པོ་ཞིག་མ་ཡོང་བ་དང་ཚེ་ལས་འདས་རྗེས་བག་ ཆགས་ཀྱི་དབང་གིས་འདྲེ་རུ་གྱུར་བ་རེད། འདྲེ་འདི་ཚོས་རང་གི་ཕ་མ་དང་གཉེན་ཉེ་རྒྱུན་ཏུ་འཁང་ར་བྱེད་དཞིན་ཡོད། ཁྱིམ་མི་རྣམས་ཀྱིས་ཁོ་ཚོར་ འཚོ་བ་ཡག་པོ་ཞིག་རོལ་མྱོང་བྱེད་པའི་གོ་སྐབས་སྤྲད་མ་སོང་སྙམ་གྱིན་ཡོད་པ་དང་རྒྱུ་མཚན་ཅི་ཡིན་པ་ཤེས་ན་འདོད་ཡོད། དེ་ནས་ཁོ་ཚོ་རང་ཁྱིམ་ ཏུ་སླེབས་པ་དང་ཁྱིམ་མི་ཞིག་གི་ལུས་ཕུང་དུ་འཛུལ་ནས་གཉེན་ཉེ་ལེ་བདའ་བྱེད་སྲིད། མི་རྣམས་ཀྱིས་ཁོ་ཚོར་འདྲེ་ངན་པ་ཞེས་འབོད་ཀྱིན་ཡོད།

ད་ལྟ་ང་རང་འདྲེ་ལ་ཅུང་ཙམ་ལས་མི་སྐྲག ངས་བསམ་ན་ཁོ་ཚོ་དེ་འདྲའི་འཇིགས་སུ་རུང་བ་ཞིག་མ་རེད།

ངས་རྩེད་གྲོགས་ཚོར་ཡང་སྒྲུང་གཏམ་འདི་བཤད་པ་ཡིན། ཁོ་ཚོ་ཡང་ཅུང་ཙམ་ལས་སྐྲག་གིན་མེད།