མཚོ་སྔོན་རེབ་གོང་གཉན་ཐོག་སྡེ་བའི་དགུན་གྱི་གླུད་གཏོར་གྱི་ཆོ་ག ༡༩༩༩ སྐལ་བཟང་ནོར་བུ་དང་། ཀྲུའུ་ཡོན་ཀྲུང་། ཁེ་ཝིན་སི་ཐུར་ཐི་བཅས་ཀྱིས་བརྩམས། ཨི་ཤ་ཡའི་དམངས་སྲོད་ཞིབ་འཇུག་དེབ 58:189-203 ཏུ་བཀོད། འདི་རུ་ཕབ་ལེན་བྱེད་ཆོག wutu_article.pdf
རྩོམ་འདིར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཉན་ཐོག་སྡེ་བའི་གླུད་གཏོར་གྱི་ཆོ་ག་ཞིག་བརྗོད་བྱར་བྱས་ནས་ཁུལ་དེའི་ཧོར་རིགས་ཀྱི་བྱུང་ཁུངས་ལ་དཔྱད་ཡོད་ཅིང་། པང་ཞེས་པའི་ཆོ་ག བུའུ་ཐུའུ་ཞེས་པའི་གླུད་གཏོར་གྱི་ཆོ་ག་དང་དེའི་བྱུང་ཁུངས་དང་ཆོ་གའི་རིམ་པ་བཅས་ལ་དཔྱད་བརྗོད་བྱེད་ཡོད། གཞན་ཡང་ཆོ་ག་འདི་དང་འདྲ་བ་ཞོང་ཧ་རྡོ་སྦིས་ས་ཁུལ་གྱི་གླུད་གཏོར་གྱི་ཆོ་ག་ཞིག་དཔྱད་བསྡུར་གྱི་ཚུལ་དུ་བཀོད་ཡོད།
གཤམ་གྱི་བརྙན་པར་ནི་༡༩༩༦ལོར་ཕབ་པ་དང་། ད་ལྟའི་ལོ་ལྟར་གནས་འདིར་ཡུལ་སྐོར་བ་མང་པོ་ཆོ་ག་འདིར་ལྟ་རུ་ཡོང་བ་དག་མ་སླེབས་པའི་སྔོན་དུ་ཕབ་པའི་བརྙན་ཐག་དྲ་ཐོག་ཏུ་ཕབ་པ་ཆེས་ཐོག་མ་ཡང་
ཡིན་སྲིད།