ང་། ME
ཐ་སྙད་གསར་བ།New words.




༡ ང་། I
༢ ང་ཚོ།we
༣ འབྲི།write
༤ སྦྲ་ནག tent
༥ ཤིན་ཏུ། very
༦ ཞིག a
༧ མིང། name
༨ ནང་དུ། in
༩ གྲོགས་པོ། friend
༡༠ ཟེར། call
༡༡ བསྡད། live
༡༢ མང་པོ། many
༡༣ ལོ། old
༡༤ ཡོད། have, has
༡༥ དགེ་རྒན། teacher
༡༦ ཕ་མ། parents
༡༧ སློབ་མ། student
༡༨ དང་། and
༡༩ བཅོ་བརྒྱད། eighteen
༢༠ སློབ་འབྲིང་།
middle school
༢༡ བརྩེ་བ། relationship
༢༢ གཉིས། two
༢༣ སློབ་སྦྱོང། study


༢༤ ཟབ་མོ།
excellent, good
༡༥ འབྲོག་པ།nomad
༢༦ དབྱིན་ཡིག English
༢༧ ནི། am, is, are
༢༨ ལུག sheep
༣༠ དགའ། like, love
༣༡ ཕུགས་བསམ།
dream, ideal
༣༢ གཡག yak
༣༣ རི་མོ། draw
༣༤ སྨན་པ། doctor


སློབ་ཚན། Text
ང་།
ངའི་མིང་ལ་རྡོ་རྗེ་ཟེར། ང་ད་ལོར་ལོ་བཅོ་བརྒྱད་ཡིན། ངའི་ཕ་མ་གཉིས་ཀ་འབྲོག་པ་ ཡིན། ངེད་ཚང་ལ་ལུག་བརྒྱ་དང་གཡག་སུམ་ཅུ་ལྷག་ཡོད། ང་ཚོ་སྦྲ་ནག་གི་ནང་དུ་ བསྡད་ཡོད། ང་ནི་སློབ་འབྲིང་གི་སློབ་མ་ཞིག་ཡིན། ང་དབྱིན་ཡིག་སྦྱངས་རྒྱུར་དགའ་ལ་ རི་མོ་འབྲི་རྒྱུར་ཡང་ཤིན་ཏུ་དགའ། ང་གྲོགས་པོ་མང་པོ་ཡོད། ངའི་དབྱིན་ཡིག་དགེ་རྒན་ དང་ངེད་གཉིས་ལ་བརྩེ་བ་ཟབ་མོ་ཡོད། ངའི་ཕུགས་བསམ་ནི་སྨན་པ་ཞིག་ བྱེད་རྒྱུ་དེ་ཡིན།

Me
My name is Dorjie. I am eighteen years old. My parents are nomads. My family has about one hundred sheep and thirty yaks. We live in a tent. I am a middle school student. I like studying English and drawing. I have many friends. My English teacher and I have a good relationship. My dream is to become a doctor.


ཚིག་གྲུབ། Sentences


༡ ངའི་མིང་ལ་རྡོ་རྗེ་ཟེར། My name is Dorjie.
༢ ང་ད་ལོར་ལོ་བཅོ་བརྒྱད་ཡིན། I am eighteen years old.
༣ ངའི་ཕ་མ་གཉིས་ཀ་འབྲོག་པ་ཡིན། My parents are nomads.
༤ ངེད་ཚང་ལ་ལུག་བརྒྱ་དང་གཡག་སུམ་ཅུ་ལྷག་ཡོད།
My family has about one hundred sheep and thirty yaks.
༥ ང་ཚོ་སྦྲ་ནག་གི་ནང་དུ་བསྡད་ཡོད། We live in a tent.
༦ ང་ནི་མི་རིགས་སློབ་འབྲིང་གི་སློབ་མ་ཞིག་ཡིན། I am a middle school student.
༧ ང་དབྱིན་ཡིག་སྦྱངས་རྒྱུར་དགའ་ལ་རི་མོ་འབྲི་རྒྱུར་ཡང་ཤིན་ཏུ་དགའ།
I like studying English and drawing.
༨ ང་གྲོགས་པོ་མང་པོ་ཡོད། I have many friends.
༩ ངའི་དབྱིན་ཡིག་དགེ་རྒན་དང་ངེད་གཉིས་ལ་བརྩེ་བ་ཟབ་མོ་ཡོད།
My English teacher and I have a good relationship.
༡༠ ངའི་ཕུགས་བསམ་ནི་སྨན་པ་ཞིག་བྱེད་རྒྱུ་དེ་ཡིན། My dream is to become a doctor.







དྲི་བ། Questions
༡ ཁྱོད་ཀྱི་མིང་ལ་ཅི་ཟེར། What is your name?
ངའི་ལ་རྡོ་རྗེ་ཟེར། My name is Dorjie.


༢ ཁྱོད་ལོ་དུ་ཡིན། How old are you?
ང་ལོ་བཅོ་བརྒྱད་ཡིན། I am eighteen years old.


༣ ཁྱོད་ཀྱི་ཕ་མ་གཉིས་ཀྱི་ལས་རིགས་ཅི་ཡིན། What are your parents' job?
ངའི་ཕ་མ་གཉིས་ཀ་འབྲོག་པ་ཡིན། My parents are nomads.


༤ ཁྱོད་ཚང་ལ་གཡག་དང་ལུག་ག་ཚོད་ཡོད། How many yaks and sheep does your family have?
ངེད་ཚང་ལ་གཡག་སུམ་ཅུ་དང་ལུག་བརྒྱ་ལྷག་ཡོད།
My family has about thirty yaks and one hundred sheep.


༥ ཁྱོད་གང་དུ་བསྡད་ཡོད། Where do you live?
ང་སྦྲ་ནག་གི་ནང་དུ་བསྡད་ཡོད། I live in a tent.
༦ ཁྱོད་སློབ་མ་ཞིག་ཡིན་ནམ། Are you a student?
ང་སློབ་མ་ཞིག་ཡིན། I am a student.


༧ ཁྱེད་རང་ཅི་ཞིག་བྱེད་རྒྱུར་དགའ་བོ་ཡོད། What do you like to do best?
ང་རང་དབྱིན་ཡིག་སྦྱངས་རྒྱུར་དགའ་བོ་ཡོད། I like to study English.


༨ ཁྱོད་རི་མོ་འབྲི་རྒྱུར་དགའ་བོ་ཡོད་དམ། Do you like to draw?
ང་རི་མོ་འབྲི་རྒྱུར་དགའ་བོ་ཡོད། I like to draw.


༩ ཁྱེད་ལ་གྲོགས་པོ་ག་ཚོད་ཡོད། How many friends do you have?
ང་ལ་གྲོགས་པོ་མང་པོ་ཡོད། I have many friends.


༡༠ ཁྱོད་དབྱིན་ཡིག་སྦྱངས་རྒྱུར་དགའ་འམ་མི་དགའ། Do you like to study English?
ང་དབྱིན་ཡིག་སྦྱངས་རྒྱུར་ཧ་ཅང་དགའ། I like to study English very much.


༡༡ ཁྱོད་ཀྱི་ཕུགས་བསམ་ནི་ཅི་ཞིག་ཡིན། What is your dream?
ངའི་ཕུགས་བསམ་ནི་སྨན་བ་ཞིག་བྱེད་རྒྱུ་དི་ཡིན། My dream is to be a doctor.


༡༢ ཁྱོད་ཆེས་དགའ་བའི་བྱ་བ་ཅི་ཞིག་ཡིན། What is your favorite?
ང་ཆེས་དགའ་བའི་བྱ་བ་ནིི་རི་མོ་འབྲི་རྒྱུ་དེ་ཡིན། My favorite is to draw.


སློབ་ཚན་འདི་ནི་པདྨ་དབང་ཆེན་གྱིས་(སྐྱེས་ལོ༡༩༨༩)བྲིས་ཤིང་སྒྲ་བླངས་པ་ཡིན་ལ་ཁོ་ནི་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུན་རིན་རྫོང་ཧོར་ནག་ཞང་གི་ཡུལ་མི་ཞིག་ཡིན། ལྷུན་འགྲུབ་(༡༩༩༡ལོར་སྐྱེས )ཀྱིས་སྒྲ་ལེན་རོགས་བྱས་བ་ཡིན་ལ། ཁོ་ནི་ ཀྲུང་གོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་མདོ་བ་ཡུལ་ཚོའི་ཡུལ་མི་ཞིག་ཡིན།
This text was written and recorded by Pad+ma dbang chen (b. 1990), a native of Hor nag Township, Reb gong County, Rml lho Tibetan Autonomous Prefecture, Mtsho sngon Province, PR China. Part of the recording was also done by Lhun grub (b. 1991), a native of Mdo baTownship, Reb gong County, Rma lho Tibetan Autonomous Prefecture, Mtsho sngon Province, PR China.