Song Ten: Performed by Sangs rgyas bkra shis སངས་རྒྱས་བཀྲ་ཤིས།

xxx10a.jpg

xxx10b.jpg
xxx10c.jpg
xxx10last.jpg

Song Ten

The blue sky resembles the eight-spoked Dharma Wheel

I sing a song of the eight spokes

The earth resembles the eight-petalled lotus

I sing a song of the eight petals

The house has four pillars and eight beams

I sing a song of the eight beams

Song Ten: Song Text as Performed

ཨོ་ཡེ་་་འཁོར་ཡ་རེ་བསོ་འཁོར་བོ་འཁོར་རེ་གླུ་ཡེ་ཡེ་གཟིག་ལེན་ཡ།

དགུང་སྔོན་པོ་འཁོར་ལོ་ཡང་རྩིབས་བརྒྱད་རེད་གོ་འཁོར་་་ཡ་རེ་བསོ་འཁོར་ཨ་འཁོར་རེ་གླུ་གཟིག་ལེན་ཡ།

ཨོ་ངས་རྩིབས་མ་བརྒྱད་གི་ཡང་གླུ་ཞིག་ལེན་གོ་འཁོར་་་ཡ་རེ་བསོ་འཁོར་ཨ་འཁོར་རེ་གླུ་ཡེ་ཡེ་ཡེ་གཟིག་ལེན་ཡ།

ཨོ་ས་དོག་མོ་པད་མ་ཡང་འདབ་བརྒྱད་རེད་གོ་འཁོར་་ཡ་རེ་བསོ་འཁོར་ཨ་འཁོར་རེ་གླུ་ཡེ་ཡེ་ཡེ་གཟིག་ལེན་ཡ།

ཨོ་ངས་འདབ་མ་བརྒྱད་གི་ཡང་གླུ་གཟིག་ལེན་གོ་འཁོར་་་ཡ་རེ་བསོ་འཁོར་ཨ་འཁོར་རེ་གླུ་ཡེ་ཡེ་ཡེ་གཟིག་ལེན་ཡ།

ཨོ་མགོའི་ཁང་བ་ཀ་བཞི་ཡང་གདུང་བརྒྱད་རེད་གོ་འཁོར་་་ཡ་རེ་བསོ་འཁོར་ཨ་འཁོར་རེ་གླུ་ཡེ་ཡེ་གཟིག་ལེན་ཡ།

ཨོ་ངས་གདུང་མ་བརྒྱད་གི་ཡང་གླུ་གཟིག་ལེན་གོ་འཁོར་་་ཡ་རེ་བསོ་འཁོར་ཨ་འཁོར་རེ་གླུ་ཡེ་ཡེ་གཟིག་ལེན་ཡ།

o ye 'khor ya re bso 'khor bo 'khor re glu ye ye gzig len ya

dgung sngon po 'khor lo yang rtsibs brgyad red go 'khor ya re bso 'khor a 'khor re glu gzig len ya

o ngas rtsibs ma brgyad gi yang glu zhig len go 'khor ya re bso 'khor a 'khor re glu ye ye ye gzig len ya

o sa dog mo pad ma yang 'dab brgyad red go 'khor ya re bso 'khor a 'khor re glu ye ye ye gzig len ya

o ngas 'dab ma brgyad gi yang glu gzig len go 'khor ya re bso 'khor a 'khor re glu ye ye ye gzig len ya

o mgo'i khang ba ka bzhi yang gdung brgyad red go 'khor ya re bso 'khor a 'khor re glu ye ye gzig len ya

o ngas gdung ma brgyad gi yang glu gzig len go 'khor ya re bso 'khor a 'khor re glu ye ye gzig len ya

Song Ten: Literary Poetic Text

དགུང་ཨ་སྔོན་འཁོར་ལོ་རྩིབས་བརྒྱད་རེད།

ངས་རྩིབས་མ་བརྒྱད་ཀྱི་གླུ་ཞིག་ལེན།།

ས་དོག་མོ་པད་མ་འདབ་བརྒྱད་རེད།།

ངས་འདབ་མ་བརྒྱད་ཀྱི་གླུ་ཞིག་ལེན།།

མགོའི་ཁང་བ་ཀ་བཞི་གདུང་བརྒྱད་རེད།།

ངས་གདུང་མ་བརྒྱད་ཀྱི་གླུ་ཞིག་ལེན།།

dgung a sngon 'khor lo rtsibs brgyad red

ngas rtsibs ma brgyad kyi glu zhig len

sa dog mo pad ma 'dab brgyad red

ngas 'dab ma brgyad kyi glu zhig len

mgo'i khang ba kwa bzhi gdung brgyad red

ngas gdung ma brgyad kyi glu zhig len