Song Two Introduction: Performed by Sangs rgyas bkra shis སངས་རྒྱས་བཀྲ་ཤིས།


xxx 2.jpg

Introduction

I sing the beginning of the love song

I sing the beginning of the love song to the blue sky

Sing many songs to fill the wide blue sky

To delight the dragon

There's no meaning if we don't sing that way

I sing the last part of the love song

I sing it to the large community

Sing to the large community

To delight friends

There's no meaning if [we] don't sing that way

Song Two: Song Text as Performed

1ཨ་ལ་རོགས་ཡེ་་་ལ་བསོ་ཡ་ལ་དགོ་རེ་ཡ་ལ་ཡ་ལ་དགོ།

2ངའི་རོགས་འདང་ཆེན་དགོ་རེ་ལོ་ལོ་ལོ་རེ་དགོ།

3ཨ་ལ་ཡེ་ངས་རྩེད་འགོ་དགོ་རེ་ལེན་ན་རྩེད་འགོ་ལེན།

4ཡེ་འདི་རྩེད་འགོ་དགོ་རེ་དགུང་སྔོན་གནམ་མ་ལེན།

5ཨ་ལ་ཡེ་དགུང་ཨ་སྔོན་དགོ་རེ་ཁ་ཞེང་ཆེ་ནི་ལེན།

6ཡེ་འབྲུག་ཕོ་ཁྱུང་དགོ་རེ་ཐུགས་ལ་རན་ནི་ལེན།

7ཨ་ལ་ཡེ་དེ་མིན་ན་དགོ་རེ་བླངས་ནོ་དོན་མེད་རེད།

8ཨ་ལ་རོགས་ཡེ་་་ལ་བསོ་ཨ་ལ་དགོ་རེ་ཡ་ལ་ཡ་ལ་དགོ།

9ད་ངས་རྩེད་རྔ་དགོ་རེ་ལེན་ན་རྩེད་རྔ་ལེན།

10ཨ་ལ་ཡེ་ངས་རྩེད་རྔ་དགོ་རེ་སྡེ་ཆེན་གྲོང་ང་ལེན།

11ཡེ་སྡེ་ཆེན་པོ་དགོ་རེ་ཁ་ཞེང་ཆེ་ནི་ལེན།

12ཨ་ལ་ཡེ་ནང་ན་ཟླའི་དགོ་རེ་ཐུགས་ལ་རན་ནི་ལེན།

13ཡེ་དེ་མིན་ན་དགོ་རེ་བླངས་ནོ་དོན་མེད་རེད།

1a la rogs ye la bso ya la dgo re ya la ya la dgo

2nga'i rogs 'dang chen dgo re lo lo lo re dgo

3a la ye ngas rtsed 'go dgo re len na rtsed 'go len

4ye 'di rtsed 'go dgo re dgung sngon gnam ma len

5a la ye dgung a sngon dgo re kha zheng che ni len

6ye 'brug pho khyung dgo re thugs la ran ni len

7a la ye de min na dgo re blangs no don med red

8a la rogs ye la bso a la dgo re ya la ya la dgo

9da ngas rtsed rnga dgo re len na rtsed rnga len

10a la ye ngas rtsed rnga dgo re sde chen grong nga len

11ye sde chen po dgo re kha zheng che ni len

12a la ye nang na zla'i dgo re thugs la ran ni len

13ye de min na dgo re blangs no don med red


Song Two: Literary Poetic Text

རྩེད་མགོ་ལེན་ན་རྩེད་མགོ་ལེན།།

རྩེད་མགོ་དགུང་སྔོན་གནམ་ལ་ལེན།།

དགུང་ཨ་སྔོན་ཁ་ཞང་ཆེ་ནི་ལེན།།

འབྲུག་ཕོ་ཁྱུང་ཐུགས་ལ་རན་ནི་ལེན།།

དེ་མིན་ན་བླངས་ནོ་དོན་མེད་རེད།།

རྩེད་རྔ་ལེན་ན་རྩེད་རྔ་ལེན།།

རྩེད་རྔ་སྡེ་ཆེན་གྲོང་ལ་ལེན།།

སྡེ་ཆེན་པོ་ཁ་ཞང་ཆེ་ནི་ལེན།།

ནང་ན་ཟླའི་ཐུགས་ལ་འབབ་ནི་ལེན།།

དེ་མིན་ན་བླངས་ནོ་དོན་མེད་རེད།།

rtsed mgo len na rtsed mgo len

rtsed mgo dgung sngon gnam la len

dgung a sngon kha zhang che ni len

'brug pho khyung thugs la ran ni len

de min na blangs no don med red

rtsed rnga len na rtsed rnga len

rtsed rnga sde chen grong la len

sde chen po kha zhang che ni len

nang na zla'i thugs la 'bab ni len

de min na blangs no don med red