Song Nine: Performed by Sangs rgyas bkra shis སངས་རྒྱས་བཀྲ་ཤིས།

xxx9a.jpg

xxx9b.jpg

xxx9cpicture.jpg

xxx9last.jpg

Song Nine

Upper verdant land of horses

You, beloved horse

It doesn't matter if you're skinny

It's fine if you're fast

In the singing festival of the great lower community

You, beloved sweetheart

It doesn't matter if you have no love songs

It's enough if you are pretty

Song Nine: Song Text as Performed

ཨ་ལ་་་དགོ་ཡང་རེ་ཡ་ལ་བསོ་ཡ་ལ་ཨ་དགོ།

རོགས་འདང་ཆེན་ན་དགོ་ཡང་རེ་ལོ་ལོ་གཟིག་ལོ་རེ་ཨེ་དགོ།

ཨ་ལ་ཡེ་སྟོད་གཡུ་ལོའི་དགོ་ཡང་རེ་རྟ་ར་གཟིག་གོང་མ་ཨ་ནས།

རྟ་འདོ་བ་དགོ་ཡང་རེ་སྙིང་ལ་གཟིག་རྗེ་བོ་ཨ་ཁྱོད།

ཤ་གྲུག་ན་དགོ་ཡང་རེ་མེད་རུང་བསོ་སྐྱོན་མེད་ཨ་གི།

ཨ་ལ་ཡེ་རྒྱུགས་གོམ་ལག་དགོ་ཡང་རེ་ཡོད་ན་བསོ་དེས་ཆོག་གོ།

ཨ་ལ་རོགས་ཡེ་་་དགོ་ཡང་རེ་ཡ་ལ་བསོ་ཡ་ལ་ཨ་དགོ།

ཡེ་སྡེ་ཆེན་པོའི་དགོ་ཡང་རེ་རྩེད་ར་བསོ་ཞོལ་མ་ནས།

ཨ་ལ་ཡེ་རོགས་ཆུང་ལོ་དགོ་ཡང་རེ་སྙིང་ལ་བསོ་རྗེ་བོ་ཨ་ཁྱོད།

ཡེ་ཁ་ལ་གཞས་དགོ་ཡང་རེ་མེད་རུང་བསོ་སྐྱོན་མེད་ཨ་ཀི།

ད་ཡག་མོ་སྒོ་དགོ་ཡང་རེ་ཡོད་ན་བསོ་དེས་ཆོག་ཨ་གོ།

a la dgo yang re ya la bso ya la a dgo

rogs 'dang chen na dgo yang re lo lo gzig lo re e dgo

a la ye stod g.yu lo'i dgo yang re rta ra gzig gong ma a nas

rta 'do ba dgo yang re snying la gzig rje bo a khyod

sha grug na dgo yang re med rung bso skyon med a gi

a la ye rgyugs gom lag dgo yang re yod na bso des chog go

a la rogs ye dgo yang re ya la bso ya la a dgo

ye sde chen po'i dgo yang re rtsed ra bso zhol ma nas

a la ye rogs chung lo dgo yang re snying la bso rje bo a khyod

ye kha la gzhas dgo yang re med rung bso skyon med a ki

da yag mo sgo dgo yang re yod na bso des chog a go

Song Nine: Literary Poetic Text

སྟོད་གཡུ་ལོའི་རྟ་ར་གོང་མ་ནས།།

རྟ་འདོ་བ་སྙིང་ལ་རྗེ་བོ་ཁྱོད།།

ཤ་གྲུག་ན་མེད་རུང་སྐྱོན་མེད་གི།།

རྒྱུགས་གོམ་ལག་ཡོད་ན་དེས་ཆོག་གི།།

སྡེ་ཆེན་པོའི་རྩེད་ར་ཞོལ་མ་ནས།།

རོགས་ཆུང་ལོ་སྙིང་ལ་རྗེ་བོ་ཁྱོད།།

ཁ་ལ་གཞས་མེད་རུང་སྐྱོན་མེད་གི།།

ཡག་མོ་སྒོ་ཡོད་ན་དེས་ཆོག་གི།།

stod g.yu lo'i rta ra gong ma nas

rta 'do ba snying la rje bo khyod

sha grug na med rung skyon med gi

rgyugs gom lag yod na des chog gi

sde chen po'i rtsed ra zhol ma nas

rogs chung lo snying la rje bo khyod

kha la gzhas med rung skyon med gi

yag mo sgo yod na des chog gi