1

Vocabulary ཐ་སྙད་གསར་བ།

lives འཚོ་སྡོད།

village སྡེ་བ། ཞིང་གྲོང་།

poor དབུལ་བོ།

rich ཕྱུག་པོ།

wife ཆུང་མ།

bag སྒྱེ་མོ། ཁུག་མ།

barley ནས།

town གྲོང་བརྡལ།

needs དགོས་མཁོ།

evening མཚན་མོ།

dark མུན་ནག

lake མཚེའུ།

puts by འགྲམ་དུ་བཞག་པ།

puts on སྟེང་དུ་བཞག་པ།

buy ཉོ་བ།

sell བཙོང་བ།

marry གཉེན་སྒྲིག

has a baby ཁྱེའུ་ཞིག་ཡོད་པ།

moon ཟླ་བ།

happy དགའ་སྤྲོ།

jumps up ཡར་ལྡིང་བ། གནམ་ལ་ལྡིང་བ།

rolls འགྲིལ་བ། ལྷུང་བ།

feel ཚོར་བ།

lesson བསླབ་བྱ། གནས་ལུགས།

A man lives in a village. He is very poor. He wants to be rich. He does not have a wife. He wants a wife. He has a big bag of barley. He has only one big bag of barley.

One day he carries the bag of barley to town. He wants to sell it. He needs some money. It is evening. It is dark. He comes to a big lake. He puts the bag by the lake. He puts his head on the bag of barley. He thinks, "I sell the barley in town. I get money. I buy a horse. I sell the horse. I marry. My wife has a baby. The baby is a boy. What is the boy's name?"

The moon comes up in the sky. The old man thinks, "Moon! My son's name is Moon!"

He is very happy. He jumps up. The bag of barley rolls into the lake. The bag of barley is lost.

How does the man feel?

What lesson does this story teach?

སྐྱེས་པ་ཞིག་སྡེ་བའི་ནང་འཚོ་སྡོད་བྱེད་ཀྱིན་ཡོད་ལ། ཁོ་ནི་ཧ་ཅང་དབུལ་བོ་ཞིག་ཡིན། ཁོ་ཕྱུག་པོར་གྱུར་ན་འདོད་ཡོད། ཁོ་ལ་ཆུང་མའང་མེད།ཁོས་ཆུང་མ་ཞིག་ལེན་འདོད་ཡོད། ཁོ་ལ་ནས་སྒྱེ་མོ་གང་ཡོད། ཁོ་ལ་ནས་སྒྱེ་མོ་གཅིག་མ་གཏོགས་ཅི་ཡང་མེད།

ཉིན་ཞིག་ཁོས་ནས་སྒྱེ་མོ་གང་བོ་དེ་ཁུར་ནས་གྲོང་བརྡལ་དུ་སོང་། ཁོས་ནས་སྒྱེ་མོ་གང་བོ་དེ་བཙོང་འདོད་པ་དང་། ཁོ་ལ་སྒོར་མོ་འགའ་མཁོ་བ་རེད། མཚན་མོའི་དུས་སུ་ཧ་ཅང་མུན་ནག་རེད། ཁོ་མཚོའུ་ཆེན་པོ་ཞིག་གི་འགྲམ་དུ་ཐོན་པ་དང་ཁོས་ནས་སྒྱེ་མོ་དེ་མཚོ་འགྲམ་དུ་བཞག ཁོའི་མགོ་བོ་སྒྱེ་མོའི་སྟེང་བསྔས་ཏེ། "ངས་ནས་གྲོང་བརྡལ་དུ་བཙོང་ན་ང་ལ་སྒོར་མོ་ཐོབ། སྒོར་མོས་རྟ་ཞིག་ཉོ། རྟ་བཙོང་ནས་གཉེན་སྒྲིག་བྱེད། ཆུང་མས་བྱིས་པ་ཞིག་བཙའ། བྱིས་པ་དེ་བྱི་ལི་ཞིག་ཡིན། བྱིས་པའི་མིང་ལ་ཅི་ཟེར།"ཞེས་བསམ་བློ་བཏང་།

དུས་དེར་ཟླ་བ་མཁའ་རུ་འཕགས་བྱུང་། སྐྱེས་པ་དེས་བསམ་པར"རེད། ཟླ་བ། ངའི་བུའི་མིང་ལ་ཟླ་བ་ཟེར"

ཁོ་ཧ་ཅང་དགའ་སྟེ་གནམ་ལ་ལྡིང་བས་ནས་སྒྱེ་མོ་གང་བོ་དེ་མཚེའུ་ཡི་ནང་དུ་ལྷུང་། ནས་སྒྱེ་མོ་གང་བོ་གཏན་ནས་བོར་སོང་།

སྐྱེས་པ་དེར་ཚོར་བ་ཅི་འདྲ་ཞིག་སྐྱེས་ཀྱིན་ཡོད།

གཏམ་རྒྱུད་འདིས་བསླབ་བྱ་ཅི་ཞིག་གནང་གིན་ཡོད།