Level: Elementary 1 རྨང་གཞིའི་སློབ་ཚན་དང་པོ།The Flat Tire རྐྱལ་བ་བཀད་པ།
Vocabulary མིང་ཚིག

· little ཆུང་ངུ།
· lived in སྡོད་པ།
· same village སྡེ་བ་གཅིག་འདྲ་ཡིན་པ།
· went to སོང་བ།
· went...by (went by horse; went by taxi; went by car; went by bus) བརྒྱུད་པ།
· took them to... (took the sick students to the hospital; took my relatives to the shop; took the yaks to the mountain) གནས་ཁྲིད་པ།
· pass the exam རྒྱུགས་འཕྲོད་པ།
· punish ཆད་པ་སྟེར་བ། ཁྲིམས་བཅད་པ།
· flat tire རྐྱལ་བ་བཀད་པ།
· got off... (I got off the horse; She got off the bus; Father got off work at five p.m.) སར་ལྷུང་བ།
· got near... (We got near the monastery and saw many pilgrims; We got near the city; We were very happy when we got near our home) གནས་ག་གེ་མོ་ཞིག་གི་འགྲམ་དུའམ་ཐག་ཉེ་སར་སླེབས་པ། ཉེ་འདབས་སུ་སླེབས་པ།
· hid in... ནང་དུ་གཞའ་བ། ཡིབས་པ།
· forest ནགས་ཚལ།

TEXT


Three little boys, Dorji, Tashi, and Nima, were friends. They lived in the same village. They went to school by motorcycle. Dorji's father took them to school on his motorcycle everyday.

On Tuesday, Dorji said, "There is an exam at ten o'clock. I'm afraid. I'm afraid I will not pass the exam."

The other boys said, "Yes! We are afraid, too!"

Then Dorji said, "Let's not go to school until eleven o'clock."

"OK!" Tashi and Nima said. "But what can we tell the teacher? He will be angry. He will punish us. What can we tell him?"

Dorji said, "We will tell him the motorcycle had a flat tire."

"Yes!" the other boys said. "We will tell the teacher the motorcycle had a flat tire."

The boys got near the school Tuesday morning. Dorji asked his father to stop. The boys got off the motorcycle and ran behind the school. They hid in a small forest. At eleven o'clock they went to the classroom. The exam was finished.

"You are late!" the teacher said. He was angry. "Why?"

"The motorcycle had a flat tire," Dorji said.

The teacher said, "OK." Then he put each boy in a corner of the room.

The teacher said, "I will ask a question. You write the answer on a piece of paper. Then give the paper to me. The question is: 'Which tire was flat?'"






བུ་ཆུང་གསུམ་སྟེ། རྡོ་རྗེ་དང་། བཀྲ་ཤིས། ཉི་མ་བཅས་ནི་གྲོགས་པོ་ཡིན། ཁོ་ཚོ་སྡེ་བ་གཅིག་གི་ནང་དུ་བསྡད་ཡོད། ཁོ་ཚོ་འཕྲུལ་རྟར་ཞོན་ཏེ་སློབ་གྲྭར་སོང་། རྡོ་རྗེ་ཡི་ཨ་ཕས་རྒྱུན་དུ་ཁོ་ཚོ་འཕྲུལ་རྟའི་སྟེང་དུ་སློབ་གྲྭར་བསྐྱལ།


གཟའ་མིག་དམར་མའི་ཉིན་ཞིག་ལ། རྡོ་རྗེ་ཡིས་བཤད་རྒྱུར། ཆུ་ཚོད་བཅུའི་སྟེང་དུ་རྒྱུགས་ཆུང་ཤིག་ཡོད། ང་སྐྲག་གི ངས་བལྟས་ན་ང་རྒྱུགས་འཕྲོད་རྒྱུ་མ་རེད་ཟེར།


བུ་ཆུང་གཞན་པ་གཉིས་ཀྱིས་ཡང་རེད་ཡ། ངེད་གཉིས་ཡང་སྐྲག་གི་ཞེས་ལན་བཏབ།


དེ དེ་རྗེས་རྡོ་རྗེ་ཡིས་དེ་ན་ང་ཚོ་ཆུ་ཚོད་བཅུ་གཅིག་གི་བར་དུ་སློབ་གྲྭར་མ་འགྲོ་ཟེར།

བཀྲ་ཤིས་དང་ཉི་མས་བཤད་རྒྱུར། དེ་ན་ཆོག་གི འོན་ཀྱང་ང་ཚོས་དགེ་རྒན་ལ་ཅི་ལྟར་བཤད་རྒྱུ། ཁོ་ཁོང་ཁྲོ་ལངས་ནི་རེད། ཁོས་ང་ཚོར་ཆད་པ་གཅོད་ནི་རེད་ཟེར།

རྡོ་རྗེ་ཡིས་ང་ཚོས་ཁོ་ལ་འཕྲུལ་རྟའི་རྐྱལ་བ་བཀད་སོང་རེད་ཟེར།

བུ་ཆུང་གཞན་གཉིས་ཀྱིས་ཡང་རེད། ང་ཚོས་དགེ་རྒན་ལ་འཕྲུལ་རྟའི་རྐྱལ་བ་བཀད་སོང་རེད་ཟེར།

གཟའ་མིག་དམར་གྱི་ཞོགས་པར་བུ་ཆུང་གསུམ་སློབ་གྲྭའི་ཉེ་འདབས་སུ་སླེབས། རྡོ་རྗེ་ཡིས་ཨ་ཕའི་འཕྲུལ་རྟ་འདུག་དུ་བཅུག བུ་ཆུང་གསུམ་འཕྲུལ་རྟ་ལས་བབས་ཏེ་སློབ་གྲྭའི་རྒྱབ་ཕྱོགས་སུ་བྲོས། ཁོ་ཚོ་ནགས་ཚལ་ཆུང་ཆུང་ཤིག་གི་ནང་དུ་ཡིབས་ནས་བསྡད། ཆུ་ཚོད་བཅུ་གཅིག་གི་སྟེང་དུ་ཁོ་ཚོ་སློབ་ཁང་ནང་དུ་ཕྱིན། སྐབས་དེར་རྒྱུགས་ཆུང་མཇུག་རྫོགས་སོང་།


དགེ་རྒན་ཁོང་ཁྲོ་ལངས་ནས་འདྲི་རྒྱུར། ཁྱེད་ཚོ་རྗེས་སུ་ལུས་སོང་། རྒྱུ་མཚན་ཅི་ཡིན།

རྡོ་རྗེ་ཡིས་འཕྲུལ་རྟའི་རྐྱལ་བ་བཀད་སོང་ཞེས་ལན་བཏབ།


ད དགེ་རྒན་ཡིས་བཤད་རྒྱུར། དེ་ན་ཆོག་གི་ཟེར། དེ་རྗེས་ཁོས་བུ་ཆུང་གསུམ་སློབ་ཁང་གི་གྲུ་ག་རེ་རེའི་ནང་དུ་འདུག་ཏུ་བཅུག


ད དགེ་རྒན་ཡིས་ཁོ་གསུམ་ལ་དེ་ན་ངས་དྲི་བ་ཞིག་འདོན། ཁྱེད་ཚོས་ཤོག་བུ་ཞིག་གི་སྟེང་དུ་དྲིས་ནས་ང་ལ་སྤྲོད། དྲི་བ་ནི་རྐྱལ་བ་གང་བཀད་སོང་ཞེས་བྲིས།

Questions

1 Who were friends?
2 How many friends do you have?
3 How many friends did Dorji have?
4 Where did the three little boys live?
5 Who lived in the same village?
6 How did the boys go to school?
7 Who went to school by motorcycle?
8 What was at ten o'clock?
9 Why was Dorji afraid?
10 What did the boys tell the teacher?
11 Why was the teacher angry?
12 What question did the teacher ask?
13 Why did the teacher want the boys to write their answer on a piece of paper?
14 Did you like this story? Why?