The_Tortoise_Dies_jpg.jpg
The Tortoise Dies རུས་སྦལ་ཤི་བ།
Two storks and a tortoise lived in a wet place. The place was drying up.
The storks said, “The water will be gone soon. Then, we’ll go away. Goodbye.”
The tortoise said, “Please take me.”
One stork asked, “How?”
The tortoise said, “You two storks get a stick. One of you will hold one end of the stick. One of you will hold the other end of the stick. I will bite the middle of the stick.”
The storks said yes. They found a stick. They picked it up. The tortoise bit the middle of the stick. They flew over a village.
A child saw the storks and the tortoise. The child said, “What smart storks!”
The tortoise felt angry. He opened his mouth and said, “I thought of it!”
The tortoise let go of the stick. He fell and died.


རུས་སྦལ་ཤི་བ།

ཁྲུང་ཁྲུང་གཉིས་དང་རུས་སྦལ་གཅིག་བརླན་ས་ཞིག་ཏུ་འཚོ་སྡོད་བྱས་ཡོད་མོད་ས་ཆ་དེ་སྐམ་བཞིན་ཡོད།

ཁྲུང་ཁྲུང་གཉིས་ཀྱིས་བཤད་རྒྱུར།༼ཆུ་མི་འགྱངས་པར་སྐམ་རྒྱུ་རེད་། ད་ངེད་གཉིས་འགྲོ་རྒྱུ་ཡིན། བདེ་མོ་བྱོས།༽ཟེར།

རུས་སྦལ་དེས་༼ང་ཁྱེར་དང་༽ཞེས་རེ་བ་ཞུས།

ཁྲུང་ཁྲུང་ཅིག་གིས༼ཇི་ལྟར།༽ཞེས་དྲིས།

རུས་སྦལ་དེས་བཤད་རྒྱུར། ༼ཁྱེད་གཉིས་ཀྱིས་ཤིང་ཐུར་ཞིག་འཇུས་དང་། ཁྱེད་གཉིས་ཀྱི་གཅིག་གིས་ཤིང་ཐུར་གྱི་སྣེ་གཅིག་དང་ཅིག་ཤོས་དེ་སྣེ་གཞན་ཞིག་ལ་འཇུས་དང་། ངས་ཤིང་ཐུར་གྱི་དཀྱིལ་ལ་སོ་གདབ་༽ཟེར།

ཁྲུང་ཁྲུང་གཉིས་འཐད་པ་བྱུང་ནས་ཤིང་ཐུར་ཞིག་བཙལ། དེ་ཡར་བླངས་ཏེ་རུས་སྦལ་གྱིས་ཤིང་ཐུར་གྱི་དཀྱིལ་ལ་སོ་བཏབ་ནས་སྡེ་བའི་མཁའ་ནས་འཕུར།

བྱིས་པ་ཞིག་གིས་ཁྲུང་ཁྲུང་དང་རུས་སྦལ་མཐོང་རྗེས་བཤད་རྒྱུར་༼ཇི་འདྲའི་བློ་རིག་ལྡན་པའི་ཁྲུང་ཁྲུང་གཉིས་ཨང་༽ཟེར།

རུས་སྦལ་ཁོང་ཁྲོ་ལངས་བཞིན་ཁ་གདངས་ནས་༼བཀོད་པ་དེ་ངས་འཐེན་པ་ཡིན་༽ཟེར།

རུས་སྦལ་གྱི་ཁ་ནས་ཤིང་ཐུར་ཤོར་ཏེ། སར་ལྷུང་ནས་ཤི།


stork ཁྲུང་ཁྲུང་།
tortoise རུས་སྦལ།
wet རློན་པ།
place ས་ཆ།
drying up སྐམ་བཞིན་པ།
soon མི་འགྱངས་པར།
stick ཤིང་ཐུར།
end མཇུག།
bite སོ་བཏབ་པ།
middle བར་དུ།
village སྡེ་བ།
smart སྤྱང་གྲུང་དོད་པོ། བློ་རིག་ལྡན་པ།
mouth ཁ།
fell ལྷུང་བ།
died ཤི་བ།


Write answers to these questions. དྲི་བ་འདི་དག་ལ་དྲིས་ལན་ཕྲིས།




a. Where did the two storks and the tortoise live? _

b. Why were they going away? _

c. What was the tortoise’s idea? _

d. Why did the tortoise die? __


Use these words to fill in the story: ཐ་སྙད་འདི་དག་བེད་སྤྱད་ནས་གཏམ་རྒྱུད་འདི་ཁ་སྐོངས།
stork tortoise wet dry stick end bite village smart mouth fell died

Two _ and a _ lived together in a _ place. Their home was turning from wet to .

The two storks were going to go away soon. The tortoise wanted to come too. He said that the storks should carry a

_. One stork would carry one _. The tortoise would _ the middle of the stick. When they were

flying over a _, a child saw them. The child said “Those storks are very _.” The tortoise

opened his _ to yell. He _ and ___.

Simplified English text by Rose Hyson.
དབྱིན་ཡིག་གི་སློབ་ཚན་འདི་ཟོར་ཡང་བར་བཟོ་མཁན་ནིRose Hysonདང་།
The Tibetan version of this text was prepared by G.yang skyabs rdo rje.
‍‍སློབ་ཚན་འདི་བོད་ཡིག་ཏུ་བསྒྱུར་མཁན་ནི་མགོ་མང་གཡང་སྐྱབས་རྡོ་རྗེ་ཡིན།